Skip to content
 

བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང་མདོ་ལས་གསུངས་པའི་མཚོན་དོན་བཞུགས་སོ།

༄།།བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང་མདོ་ལས་

གསུངས་པའི་མཚོན་དོན་བཞུགས་སོ།།

ན་མོ་དབུ་ལ་བཀྲ་ཤིས་གདུག་ལྟར་སྐྱོབ།

སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག

གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ།

ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ།

སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ།

ལྗགས་ལ་བཀྲ་ཤིས་པད་མ་ལོ་འདབ་རྒྱས།

མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ།

ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག

ཞབས་ལ་བཀྲ་ཤིས་ཕྲིན་ལས་འཁོར་ལོ་ལྔ།

བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག

རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ།

དེང་འདིར་བདག་བཅག་རྣམས་ལ་བཀྲ་ཤིས་ཤོག

བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག

ཅེས་གསུངས་སོ།

作品:八吉祥圖。

作者:畫師·楚臣渥色

2021年

請留下您的回應