Skip to content
 

觀賞創作

བོད་ཀྱི་ལྷ་བྲིས་པ་ཚུལ་ཁྲིམས་འོད་ཟེར།།

༄། །ལྷ་མཁན་ཚུལ་ཁྲིམས་འོད་ཟེར།  སྐྱེས་ཡུལ་ཀཿཐོག་ཉེ་ཞོལ་དུ་ཡབ་རིགས་སྔགས་འཛིན་པ་བསྟན་འཛིན་དང་།   ཡུམ་བསོད་སྒྲོན་གཉིས་ལས། རབ་བྱུང་༡༦པའི་མེ་ལུག་ལོར་ཟླ་བ་༥པའི་ནང་བལྟམས།   ཆུང་ནས་བག་ཆགས་སད་དེ་རི་མོ་འབྲི་བ་དང་། བཅའ་བཟོ་སོགས་ཁོ་ནའི་ལས་ལ་བརྩོན།   ལོ་བཞི་པའི་དུས་མཁན་རྒན་རྒྱལ་མཚན་འོད་ཟེར་མདུན་སྐྱབས་སྡམས་ཞུས་ཏེ་ཚུལ་ཁྲིམས་འོད་ཟེར་བཏགས།   ལོ་དགུ་པའི་དུས་ཕ་ཡབ་ལས་ཡི་གེ་བསླབ་པས་ཚེགས་མེད་ཤེས།   བདུད་ཀློང་གཉིས་ཐང་སྐུ་ཞིག་བྲིས་པས་ཀུན་ངོ་འཚར་བ་བརྩི། ལྷ་མཁན་ཀརྨ་ཚུལ་ཁྲིམས་མདུན་བྲིས་ཐིག་སོགས་བསླབས་པས་ཁོང་དུ་ཆུབ་ཏེ་སློབ་ཕྲུག་གཞན་ལས་ཁྱད་འཕགས།  མཁན་རྒན་རྒྱལ་མཚན་འོད་ཟེར་དང་།  རྨོག་སྤྲུལ་རིན་པོའི་མདུན་ཟབ་ཆོས་མང་དུ་ཞུས།  རྨོག་སྤྲུལ་རིན་པོ་ཆེའི་བཀའ་བཞིན་འགོ་ལོག་མཁར་ནང་དགོན་དུ་བླ་བརྒྱུད་སོགས་བྲིས།  དཔལ་ཡུལ་སྨན་རྩིས་ཁང་དང་།  ཀཿཐོག་དང་སྡེ་དགེའི་ཕྱོགས་ལ།  བཀའ་བརྒྱད།  གུ་དྲག  ཞི་ཁྲོ་དམ་པ་རིགས་བརྒྱ།  ཞིང་བཀོད།  མཚན་བརྒྱད།  ཡི་དམ་སྐོར།  ཆོས་སྐྱོང་སྐོར།  མཛད་པ་བཅུ་གཉིས།  རྡོར་སེམས་སྟོང་སྐུ།   སྐྱེས་རབ་དཔག་བསམ་འཁྲི་ཤིང་།  གཏེར་གཏོན་བརྒྱ་རྩ་སོགས་མང་དུ་བྲིས།  དེ་ནས་ཕྱི་རྒྱལ་དུ་སོང་ནས་ཕྱོགས་དང་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་བརྙན་གྱི་འགྲོ་དོན་མཐའ་མེད་དུ་སྤེལ།   ད་ལྟའང་ཐད་ཝན་དུ།  བོད་ཀྱི་ལྷ་བྲིས་སྨན་གསར་ལུགས་ཀྱི་ནོར་བུའི་གླིང་ལས་ཁང་ཞིག་གསར་དུ་བསྐྲུན་ཏེ་སྲིད་མཐའི་བར་དུ་མི་ཉམས་པ་སྤེལ་བཞིན་པའོ།   སླད་ཀྱང་ཞབས་པད་ཡུན་དུ་བསྟན་ཅིང་བཟོ་གནས་མཆོག་གྱུར་རྒྱལ་བའི་རྒྱལ་ཚབ་ཀྱི་སྐུ་བརྙན་འཛམ་གླིང་མཐའ་གྲུ་ཀུན་ཏུ་ཁྱབ་པའི་རེ་སྨོན་བཅས།

དཔལ་ཀཿཐོག་པའི་ཆོས་སྡེ་ནས་མཁན་མིང་འཛིན་པ་པུཎྱཻ་ཤཱ་པ་ནས།།


 

 

請留下您的回應