Skip to content
 

༄།། བོད་མི་རིགས་ཀྱི་ལོ་ངོ་ཆིག་སྟོང་ལྷག་གི་སྲོལ་རྒྱུན་བཟང་པོའི་རིག་གཞུང་།།

༄།། བོད་མི་རིགས་ཀྱི་ལོ་ངོ་ཆིག་སྟོང་ལྷག་གི་སྲོལ་རྒྱུན་བཟང་པོའི་རིག་གཞུང་།།
རིག་པའི་གཞུང་ལུགས་དང་བསྟུན་ནས་རྩ་ཆེའི་བཟང་དྲུག་སྨན་སྤོས་༢༠ལྷགས་རྣམས་ལེགས་སྦྱར་གྱི་རང་བཞིན་ལྡན་པའི་དྲི་མཆོག་བདུག་སྤོས་དམ་པ་འདི་ནི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ན་མེད་དུ་མི་རུང་བ་ཞིག་དུ་ཆགས་ཡོད། དེ་ཡང་༼གྲགས་སྙན་འབྲུག་སྒྲའི་༽རིག་གནས་སྒྱུ་རྩལ་དར་སྤེལ་ཁང་གིས་བཟོ་བསྐྲུན་བྱས་པའི་བདུག་སྤོས་འདིའི་འབྱུང་ཁུངས་ནི། ལོ་ངོ་༡༠༠ལྷག་གི་ལོ་རྒྱུས་ཡོད་ལ། ངོས་ཀྱི་མེས་པོ་ནས་བརྒྱུད་པའི་ཁྱིམ་བརྒྱུད་ཀྱི་ནོར་བུ་ཞིག་ཡིན། འདི་ནི་ངའི་བཟོ་རྩལ་གཞན་དང་མི་འདྲ་བའི་གྲས་ཤིག་ཡང་ཡིན།
ཐོན་རྫས་འདི་ལ་དབྱེ་བདེའི་ཆེད་དུ་ཁ་དོག་༼དཀར་སེར་དམར་ལྗང༽རྣམ་པ་བཞིའི་དབྱེ་བ་འཕྱེ་བཞིན་ཡོད་ལ། དེས་ཞི་རྒྱས་དབང་དྲག་གི་རྟེན་འབྲེལ་ཡང་མཚོན་ནོ།།

དེ་བཞིན་དུ་ཐོན་རྫས་དེའི་བྱུང་བ་མདོར་ཙམ་བསྟན་ན་སྔོན་སྤྱི་ལོ ༡༨༨༦ ལོའི་ཡན་མན་གྱི་སྐབས་སུ་རང་ཁྱིམ་གྱི་མེས་པོ་ཞང་པོའི་བཟོ་རྩལ་འདི་ཆེས་ཐོག་མར་གསར་དུ་གཏོད་པ་དང་། སྤུས་དག་རྩེར་སོན་བོད་སྤོས་ཤིག་ཡིན་ལ་ང་ཚོའི་སྲོལ་རྒྱུན་ལྡན་པའི་མེས་པོ་དག་ལས་བརྒྱུད་པའི་ནོར་བུ་ཞིག་ཀྱང་ཡིན། ཀྲུང་ཧྭའི་སྐམ་ས་ཆེན་མོའི་གངས་ལྗོངས་བོད་རིགས་ཀྱི་ལོ་ངོ་སྟོང་གི་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་བཞིན་ཡོད། སྤོས་འདི་ཀུན་གྱི་ཁས་ལེན་པའི་ལོ་བརྒྱའི་རིང་གི་ལོ་རྒྱུས་དང་། ཁྱད་ཆོས་དུ་མ་དང་ལྡན་པའི་དྲི་ཞིམ་བོད་སྤོས་དག་མ་ཞིག་ཡིན་ལ། འདིའི་བརྒྱུད་རིམ་བཤད་ན་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་དང་ངའི་ཞང་པོ་ཀཿ ཐོག་སྔོན་རབ་ཀྱི་བཅུ་ཕྲག་རིག་པའི་སློབ་གླིང་གི་རིག་གནས་དགེ་རྒན་ཆེན་མོ་སྤྲུལ་སྐུ་རྒྱ་དཀོན་མཆོག་གྲགས་པ་ནས་བརྒྱུད་ལ།
ཁོང་ནི་ལོ་རྒྱུས་མང་པོ་ཞིག་གི་ནང་ལ་བཀོད་པ་ལྟར་ན་བོད་ཀྱི་རིག་པའི་གནས་བཅུ་ལ་བྱང་ཆུབ་པའི་ངེས་དོན་གྱི་མཁས་དབང་ཞིག་ཏུ་གྲགས། དེར་མ་ཟད་སྔོན་སྤྱི་ལོ་ ༡༩༣༧ ལོའི་སྐབས་སྤྲུལ་སྐུ་དཀོན་མཆོག་གྲགས་པ་ལ་༧པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་མཆོག་གི་བཞུགས་གདན་གནང་ནས་གོང་བཀུར་ཞུ་མྱོང་བའི་ལོ་རྒྱུས་ཡོད་ལ།
དེ་ལས་ཁུ་རྒན་ཀཿ ཐོག་བླ་མ་བསྟན་འཛིན་བཟང་པོ་ལ་བརྒྱུད། ཁོང་ནི་ཀཿ ཐོག་སྔོན་རབ་བརྒྱུད་སྡེ་བཤད་གྲྭ་ནས་སློབ་མཐར་ཕྱིན་པའི་བོད་ཀྱི་རིག་གཞུང་དང་ལྟ་དཔྱོད་བསྒོམ་གསུམ་གང་ལའང་མཁྱེན་དཔྱོད་ལྡན་པའི་རྩོད་མེད་ཀྱི་སྒྲུབ་པ་པོ་ཞིག་ཡིན་པས་ན། བདུག་སྤོས་འདིའི་འབྱུང་ཁུངས་ནི་ཁོང་རྣམས་ཀྱི་བཟོ་རྩལ་གྱི་གོམས་སྲོལ་ལྟར། རང་ཉིད་ཀྱིས་སྤྱི་ལོ་ ༢༠༡༥ ལོར་ནས་འགོ་རྩོམ་ནས་སྤོས་འདིའི་སྦྱོར་ཚུལ་བཟོ་རྒྱུན་སོགས་སློབ་སྦྱོང་བྱས་པ་ལྟར་སླར་ཡང་བཟོ་སྐྲུན་བྱས།
ངོས་ནས་ཀྱང་དེ་སྔོན་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གི་སློབ་གྲྭའི་ནང་དུ་བོད་ལུགས་གསོ་རིག་༼དཔལ་ལྡན་རྒྱུད་བཞི༽སོགས་རིག་གནས་ཁག་རྣམས་སློབ་སྦྱོང་བྱེད་མྱོང་ཡོད་ལ། དེར་བརྟེན་སྨན་རྒྱུ་སྤུས་ལེགས་དབྱེ་ཞིབ་ཐད་ལའང་ལག་ལེན་ཚོད་ལྟ་བཅས་བྱེད་མྱོང་ཡོད། ངས་རྒྱལ་ཁབ་ཕྱི་ནང་དང་ས་ཁུལ་དུ་ངོ་མཚར་ལྡན་པའི་བོད་སྤོས་བཟོ་རྩལ་དང་རི་མོའི་ཐང་གའི་སྒྱུ་རྩལ་སོགས་ལོ་ངོ ༼༢༥ ༽ལྷག་ཙམ་ལ་རྒྱུན་ཆད་མེད་པར་བཟོ་བསྐྲུན་དང་སྐུལ་འདེད་བཏང་དང་བཏང་མུས། སྐབས་དེར་ཐའེ་ཝན་གླིང་དུ“གྲགས་སྙན་འབྲུག་སྒྲ་བོད་ཀྱི་རིག་གནས་སྒྱུ་རྩལ་ཁྱབ་གདལ་ལྟེ་གནས”ཞེས་པ་དང་སྤོས་བཟོ་ཁང་བཅས་བཙུགས་ནས་བཟོ་རྩལ་རྩེར་སོན་གྱིས་བོད་སྤོས་རྩེར་སོན་གྱི་ཐོན་རྫས་འདི་བཟོ་བཞིན་ཡོད། མིག་སྔར་རྒྱ་ནག་སྐམ་ས་ཆེན་མོའི་ནང་ས་དང་། བོད་རིགས་ས་ཁུལ་གྱི་ཀཿ ཐོག་དགོན་དང་དཔལ་ཡུལ་དགོན་སོགས་སྐྱེས་ཆེན་དམ་པ་སོགས་མཁས་ཅན་དང་ཕྱི་རྒྱལ་དུ་བཀའ་བརྒྱུད་སོགས་ཀྱི་སྐྱེས་ཆེན་དམ་པ་སོགས་མཁས་ཅན་དང་དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་བོད་སྤོས་ལ་དགའ་བའི་མི་རྣམས་ཀྱིས་སྤོས་འདིའི་དྲི་ལ་ཞིམ་མིན་ཐད་ལ་རྒྱུས་ལོན་ཡོད་པར་བཅས་སོ།།
དེ་བཞིན་དུ་ཁོང་རྣམ་པས་བོད་སྤོས་ཀྱི་དྲི་ཞིམ་ལེགས་ཤོས་རེད་ཞེས་བསྔགས་བརྗོད་བྱེད་བཞིན་ཡོད། རང་ཉིད་ཀྱི་བཟོ་རྩལ་གྱི་སྤུས་ཚད་ཐད་དེ་ལྟར་ཁས་ལེན་བྱས་པ་དེ་ཕྲན་གྱི་ནམ་ཡང་བརྗེད་མི་རུང་བ་ཞིག་ལ། གཞི་ནས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་སྒྱུ་རྩལ་གྱི་མཛེས་སྡུག་ནི་ནམ་ཡང་རྫོགས་རྒྱུ་མེད་པ་ཞིག་ཡིན་པས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། མདོར་ན་སྤོས་འདི་དྲི་ཞིམ་འཐུལ་བའི་འགན་ལེན་བྱ་རུང་བ་ཞིག་ཡིན་ལ། སྔར་ལས་ལྷག་པའི་སྒོ་ནས་བོད་སྤོས་རྒྱུན་འཛིན་བཟོ་རྩལ་དང་གསར་གཏོད་ཐོན་རྫས་ཁྱབ་གདལ་གཏོང་བའི་དམིགས་ནས་འཕེལ་རྒྱས་བཏང་བཞིན་ཡོད། ཚང་མས་རྒྱབ་སྐྱོར་གནང་རོགས་ཞུ། བཀྲ་ཤིས་བདེ་ལེགས། ལྷ་བྲིས་པ་ཚུལ་ཁྲིམས་འོད་ཟེར་ནས། ༢༠༡༩ ལོའི་ཟླ་བ ༨ ལ།།


請留下您的回應